慈祥-黑土地组合无损flac下载mp3下载
慈祥-黑土地组合 在线试听歌词免费下载
བརྩེ་སེམས།
གཞས་ཚིག སྒོམ་པ་བཀྲ་ཤིས།
གཞས་གདངས ཟློས་དགེ་བཀྲ་ཤིས་དོན་གྲུབ།
གཞས་མཁན སྒྲོལ་མ་སྐྱབས། ས་ནག་གཞས་ཚོགས།
བརླན་གཤེར་སྐམ་ས་གཉིས་སུ། །
ལས་ཀྱིས་སྐྱེས་ཤིང་འཚོ་བའི།
ཉམ་ཐག་དུད་འགྲོ་རྣམས་ལ། །
བྱམས་བརྩེ་ཐུགས་ཀྱིས་དགོངས་དང་། །
མི་ཆོས་ཀྱི་བསམ་བློ་དེ་ཡིན། །
རང་བྱུང་འགྲོ་བ་མི་ཡི། །
གནོད་འཚེས་ཀུན་ནས་མནར་བའི། །
ཉམ་ཐག་དུད་འགྲོ་རྣམས་ལ། །
སྙིང་རྗེ་སྤྱན་གྱིས་གཟིགས་དང་། །
ལྷ་ཆོས་ཀྱི་ཉམས་ལེན་དེ་ཡིན། །
སྐྱབས་དང་རེ་ས་བྲལ་ཞིང་། །
སྲོག་གི་ཉེན་ཁར་ཐུག་པའི། །
ཉམ་ཐག་དུད་འགྲོ་རྣམས་ལ། །
སྲོག་ཐར་གཏོང་རོགས་གནོང་དང་། །
ངེས་དོན་གྱི་དགེ་སྒྲུབ་དེ་ཡིན། །
འབག་བཙོག་གསར་སྤེལ་གྱིས་ནི། །
འཚོ་གནས་ཆ་རྐྱེན་ཕྲོགས་པའི། །
ཉམ་ཐག་དུད་འགྲོ་རྣམས་ལ། །
སྲུང་སྐྱོབ་ལས་ཞིག་སྒྲུབས་དང་། །
ཡ་རབས་ཀྱི་སྤྱོད་བཟང་དེ་རེད། །
མུ་མེད་འཇིག་རྟེན་ཁམས་ན། །
སྡུག་སྦྱོང་འཇིགས་སྐྲག་མྱོང་བའི། །
ཉམ་ཐག་སེམས་ཅན་ཡོངས་ལ། །
རང་ལ་དཔེ་ཞིག་བླངས་ནས། །
བཅོས་མིན་གྱི་བརྩེ་སེམས་སྒོམ་རོགས། །
慈祥-黑土地组合歌曲下载
| 歌曲 | 歌手 | 专辑 | 时长 | 歌曲下载 |
|---|---|---|---|---|
| 慈祥 | 黑土地组合 | 献给大地母亲的歌 | 07:01 |
|
慈祥-黑土地组合热门评论
慈祥-黑土地组合 同专辑其他歌曲
- 龙头琴-黑土地组合
- 献给大地母亲的歌-黑土地组合
- 守候你的纯洁-黑土地组合
- 让世界变净土-黑土地组合
- 朋友-黑土地组合
- 松赞干布-黑土地组合
- 岗雅-黑土地组合
- 糌粑-黑土地组合
- 雪域儿女-黑土地组合
- 生命-黑土地组合
- 时代-黑土地组合