姑娘-片旭·更松塔叶无损flac下载mp3下载
姑娘-片旭·更松塔叶 在线试听歌词免费下载
作曲 : 阿德•青梅才仁
作词 : 白日•丁布江才
དབྱངས། ཨ་ཏི་འཆི་མེད་ཚེ་རིང་།
ཚིག བེ་རི་བསྟན་པའི་རྒྱལ་མཚན།
ལེན་མཁན། ཀུན་བཟང་མཐའ་ཡས།
རི་མགོའི་ག་འུ་ཅང་ཤོག་དེ།།
སྤུས་ཤེལ་སོ་མའི་ཁ་དོག་ཅན།།
ཚུགས་ཀ་རང་བྱུང་མིག་གི་གཟི།།
སྨན་ཤར་བུ་མོའི་རྒྱན་ཆ་ཡིན།།
རི་སྐེད་ཁུག་ཆུང་དར་ལོ་དེ།།
བྱུ་རུ་དམར་པོའི་མདངས་ལྟར་མཛེས།།
མ་བཅོས་རང་བྱུང་མགུར་གྱི་རྒྱན།།
ན་ཆུང་བུ་མོའི་སྐེ་རྒྱན་ཡིན།།
རི་གཤམ་ཁུ་བྱུག་མེ་ཏོག་དེ།།
སྔོན་མོ་གཡུ་ཡི་མདོག་ལྟར་དྭངས།།
མ་བཏགས་ལུང་ཐག་ལྷུན་གྱིས་གྲུབ།།
བཅུ་དྲུག་བུ་མོའི་རྣ་རྒྱན་ཡིན།།
གཞུང་གི་རྩི་ཐོག་དཀར་པོ་དེ།།
དངུལ་གྱི་ཁབ་ཤུབས་གློ་ལྡིའུ་འདྲ།།
མ་གཏོར་རང་བྱུང་འབུར་དུ་དོད།།
བུ་མོ་ཁྱེད་ཀྱི་ལུས་ལ་འདོགས།།
སེམས་ཀྱི་བརྩེ་བ་མཚོན་པ་ཡིན།།
ལུས་ཀྱི་མཛེས་རྒྱན་འོང་ས་ཡོད།།
སྙིང་སྡུག་བུ་མོ་ལོ་བརྒྱ་མ།།
འཇིག་རྟེན་མཛེས་དགུས་ཁྱོད་ལ་བརྒྱན།།