祝酒歌-曲拉无损flac下载mp3下载
祝酒歌-曲拉 在线试听歌词免费下载
祝酒歌
词曲:叶搞.扎西松保
演唱:曲拉
མཆོད་ཆང་།
ཚིག
གཡས་སྐོར་བཀྲ་ཤིས་བཟང་པོ།
དབྱངས།
གཡས་སྐོར་བཀྲ་ཤིས་བཟང་པོ།
ཆང་བདུད་རྩི་མཆོད་པ་དང་པོ་དེ།།
ཆོས་བསྟན་པའི་བཀའ་སྲུང་རྣམས་ལ་མཆོད།།
བོད་གངས་ཅན་སངས་རྒྱས་བསྟན་པ་སྲུང་།།
ཡུལ་འབངས་མིའི་ཁ་འཛིན་རྒྱབ་རྟེན་མཛོད།།
ལས་བསམ་དོན་འགྲུབ་པའི་རྟེན་འབྲེལ་ཡིན།།
ཆང་བདུད་རྩི་མཆོག་པ་གཉིས་པ་དེ།།
འགྲན་ཡ་མེད་དྲིན་ཆེན་ཕ་མར་མཆོད།།
དྲིན་ཕ་མའི་སྨོན་ལམ་བཟང་པོ་དེས།།
རྐང་བུ་རྒྱད་ཁ་འཛིན་རྒྱབ་རྟེན་མཛོད།།
ལས་བསོད་ནམ་ས་འཕེལ་བའི་རྟེན་འབྲེལ་ཡིན།།
ཆང་བདུད་རྩི་མཆོད་པ་གསུམ་པ་དེ།།
རྒྱང་ཐག་རིང་སྐུ་མགྲོན་རྣམས་ལ་མཆོད།།
དེར་ཕེབས་པའི་སྙིང་ཉེ་གྲོགས་པོ་རྣམས།།
བྱ་ཀུན་ལ་གཅིག་རོགས་གཅིག་གིས་མཛོད།།
ལས་ལམ་འགྲོ་ཆེ་བའི་རྟེན་འབྲེལ་ཡིན།།
未经许可,不得翻唱或使用