吉则 我的山神-仁增尼玛无损flac下载mp3下载
吉则 我的山神-仁增尼玛 在线试听歌词免费下载
ལྕགས་རྩེ། ངའི་སྐྱེས་ལྷ།
དབྱངས། མགོ་ལོག•རིག་འཛིན་ཉི་མ།
ཚིག གཏེར་སྟོན་འཇིགས་མེད་རྡོ་རྗེ་*********།
ལེན་མཁན། མགོ་ལོག•རིག་འཛིན་ཉི་མ།
སྲིད་ཞིའི་དབང་ཕྱུག་རིགས་བརྒྱའི་འཁོར་ལོས་སྒྱུར།།
སྣང་སྲིད་ཟིལ་གནོན་ཁམས་གསུམ་བྲན་དུ་བཀོལ།།
མ་ལུས་འགྲོ་བའི་ས་མཁན་ཆོས་ཀྱི་རྗེ།།
ཁྱབ་བདག་མཚོ་སྐྱེས་བླ་མས་བྱིན་རླབས་སྩོལ།།
འཕྲིན་ལས་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡིས།།
གསང་གསུམ་སྒྱུ་འཕྲུལ་བཀོད་པ་ཡོངས་གཏམས་པའི།།
ས་བརྒྱད་དབང་ཕྱུག་ཟོ་དོར་ཚུལ་བཟུང་བ།།
གཡུང་དྲུང་ལྕགས་རྩེ་རྡོ་རྗེ་ཁྱུང་དྲགས་རྩལ།།
མ་སྨད་རྣམ་དཀར་བསོད་ནམས་ཉེར་རྒྱུའི་མཐུས།།
ལྕགས་ཡུལ་སྤྱི་དང་ཁྱད་པར་དབང་ཆེན་འབུམ།།
ཕ་མེས་རིགས་རྒྱུད་འགོ་ཞིང་སྐྱོབས་པའི་མགོན།།
གཏན་གྱི་དགྲ་བླ་གཉན་པོ་ཁྱེད་མིན་སུ།།
དུང་དུང་སྙིང་གི་ལྷ་མཆོག་ཁྱེད་བསྟེན་ནས།།
ཡང་ཡང་མཆོད་བསྟོད་སྒྲུབ་པའི་རེ་འབྲས་ཀྱིས།།
འཇིགས་འཇིགས་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་།།
འཛུམ་འཛུམ་དགྱེས་པའི་ཟླ་ཞལ་མ་གཡེལ་ཀྱེ།།
吉则 我的山神-仁增尼玛歌曲下载
| 歌曲 | 歌手 | 专辑 | 时长 | 歌曲下载 |
|---|---|---|---|---|
| 吉则 我的山神 | 仁增尼玛 | 藏语弹唱 | 03:12 |
|
| 我的神山雍仲吉则 | 仁增尼玛 | 家园 | 03:56 |
|
| 我的神山雍忠吉则 | 仁增尼玛 | 家园 | 03:56 |
|