我们的藏语字母-仁青南杰无损flac下载mp3下载
我们的藏语字母-仁青南杰 在线试听歌词免费下载
ང་ཚོ་དབྱངས་གསལ་སོ་བཞི།
ཚིག སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།
དབྱངས། པ་སངས།
ང་ཚོ་ཚང་མ་འཛོམས་པའི་དུས་སུ་ལ།
གསལ་བྱེད་སུམ་ཅུ་འཛོམས་ཡོད།
ཨི་ཨུ་ཨེ་ཨོ་འཛོམས་ཡོད།
དབྱངས་གསལ་སོ་བཞིའི་ཀློང་ན།
ང་ཚོའི་མེས་པོ་བཞུགས་ཡོད།
མེས་པོ་སྐུ་དྲིན་ཅན་ཚོ།
བློ་སེམས་བདེ་བོར་བཞུགས་དང་།
ང་ཚོ་དབྱངས་གསལ་སོ་བཞི།
ཁ་བའི་མདངས་འཛོམ་ཡོད།
འོ་མའི་བཅུད་ལ་འཛོམ་ཡོང་།
ང་ཚོ་ཚང་མ་འཛོམས་པའི་དུས་སུ་ལ།
གསལ་བྱེད་སུམ་ཅུ་འཛོམས་ཡོད།
ཨི་ཨུ་ཨེ་ཨོ་འཛོམས་ཡོད།
བུ་ཆུང་རུས་པ་ཅན་ཚོ།
དབྱངས་གསལ་ཀློང་ལ་འཛོམས་ཤོག
ང་ཚོ་དབྱངས་གསལ་སོ་བཞི།
ཉི་ཟླའི་འོད་ལ་འགྲོགས་འགྲོ།
རྨ་འབྲིའི་རྒྱུན་ལ་འབབ་འགྲོ།
ང་ཚོའི་མེས་པོ་བཞུགས་ཡོད།
མེས་པོ་སྐུ་དྲིན་ཅན་ཚོ།
བློ་སེམས་བདེ་བོར་བཞུགས་དང་།
ང་ཚོ་དབྱངས་གསལ་སོ་བཞི།
ཁ་བའི་མདངས་འཛོམ་ཡོད།
འོ་མའི་བཅུད་ལ་འཛོམ་ཡོང་།