父亲教我一首歌-仁青南杰无损flac下载mp3下载
父亲教我一首歌-仁青南杰 在线试听歌词免费下载
དྲིན་ཕ་མའི་ང་ལ་གླུ་ཞིག་བསླབས།
གཞས་ཚིག གནམ་སྐྱབས་རྒྱལ།
དབྱངས། གཡས་སྐོར་བཀྲ་ཤིས་བཟང་པོ།
གཞས་པ། རིན་ཆེན་རྣམ་རྒྱལ།
དྲིན་ཕ་མའི་ང་ལ་གླུ་ཞིག་བསླབས།།
གླུ་དེ་ཡི་རིན་ཐང་གཞལ་དུ་མེད།།
ངག་ཨ་ལན་རང་གི་རྒྱན་ཡིན་ཟེར།།
རྒྱན་མཛོམས་ན་ན་ཟླའི་མཆོག་ཡིན་ཟེར།།
དྲིན་ཕ་མའི་ང་ལ་གླུ་ཞིག་བསླབས།།
གླུ་དེ་ཡི་རིན་ཐང་གཞལ་དུ་མེད།།
ནང་བྱམས་བརྩེ་སེམས་ཀྱི་དྲོད་ཡིན་ཟེར།།
དྲོད་སེམས་ལ་བཟུང་ན་སྐྱིད་ཡིན་ཟེར།།
དྲིན་ཕ་མའི་ང་ལ་གླུ་ཞིག་བསླབས།།
གླུ་དེ་ཡི་རིན་ཐང་གཞལ་དུ་མེད།།
སྐད་གཙང་མ་རང་གི་ནོར་ཡིན་ཟེར།།
ནོར་གཅེས་འཛིན་བྱས་ན་མཆོག་ཡིན་ཟེར།།
དྲིན་ཕ་མའི་ང་ལ་གླུ་ཞིག་བསླབས།།
གླུ་དེ་ཡི་རིན་ཐང་གཞལ་དུ་མེད།།
དབྱངས་གསལ་བྱེད་སུམ་ཅུ་རྒྱན་ཡིན་ཟེར།།
རྒྱན་རང་ལ་མཛོམས་ན་སྐྱིད་ཡིན་ཟེར།།