幸福的牧区-尊追无损flac下载mp3下载
幸福的牧区-尊追 在线试听歌词免费下载
སྐྱིད་པའི་འབྲོག་ཐང་། ལེན་མཁན། བརྩོན་འགྲུས།
ཨེ་མ་ཡེ་་་་
སྦྲང་ཆར་བསིལ་མ་སིམ་སིམ་འབབ་དུས།
མཛེས་པའི་རྩྭ་ཐང་མེ་ཏོག་བཀྲ་སོང་།
བྲེ་སེར་འབྲི་མོས་ངུར་རྒྱང་འཐེན་དུས།
མ་སྲུ་བཟང་མོའི་སྣང་བ་སྐྱིད་སོང་།
ཨ་ཧ་་་་དགའ་བ་་་་སྐྱིད་པ་ལ་་་་་སྐྱིད་པ་ལ།
ཨེ་མ་ཡེ་་་་
འདོ་དྲུག་རྟ་བོའི་བང་རྩལ་རྒྱས་དུས།
སྟག་ཤར་གཞོན་ནུའི་ཡིད་སེམས་སྤྲོ་སོང་།
གཡང་དཀར་ལུག་གིས་འབའ་སྐད་སྒྲོག་དུས།
ཕྱུགས་རྫི་དགའ་བའི་སྐྱིད་གླུ་བླངས་སོང་།
ཨ་ཧ་་་་དགའ་བ་་་་སྐྱིད་པ་ལ་་་་སྐྱིད་པ་ལ།
ཨེ་མ་ཡེ་་་་
ཆོས་ཀྱི་དུང་རྒྱག་ལྷང་ལྷང་སྒྲོག་དུས།
དད་ལྡན་སྐྱ་སེར་བློ་སེམས་བདེ་སོང་།
རྒྱུ་འབྲས་དྲང་བའི་ལས་ལ་ཞུགས་དུས།
བདེ་སྐྱིད་འཚོ་བ་དར་ཞིང་རྒྱས་སོང་།
ཨ་ཧ་་་་དགའ་བ་་་་སྐྱིད་པ་ལ་་་་་སྐྱིད་པ་ལ་་་་་་་ ་་་་་་་་