幸福家园-南措无损flac下载mp3下载
幸福家园-南措 在线试听歌词免费下载
རེ་སྨོན། གནམ་མཚོ།
ཚིག་ གཅན་རབ་སད།
དབྱངས། བཀྲ་ཤིས་དཔལ་ལྡན།
ཉི་ཟླ་རི་བོའི་རྩེ་རུ།།
དར་ལྕོག་ཁ་གང་བསྒྲེངས་ནས།།
ལྷ་བསང་དགུང་དུ་བཏང་ཡོད།།
དུང་དཀར་དབྱངས་རྟ་རེ་རེ།།
འབོད་པའི་བརྡ་རུ་བཏང་ཡོད།།
ཨ་ཇོ་དོན་གྲུབ་ཚེ་རིང་།།
རང་ཡུལ་ཕྱོགས་ལ་ཕེབས་དང་།།
ཉི་ཟླ་རི་བོའི་འདབས་ནས།།
ལག་ཟུང་ཐལ་མོ་སྦྱར་ཏེ།།
གསོལ་བ་ལན་གསུམ་བཏབ་ཡོད།།
རླུང་རྟའི་འདབ་མ་རེ་རེ།།
རེ་བའི་མཁའ་ལ་སྤུར་ཡོད།།
ཨ་ཇོ་དོན་གྲུབ་ཚེ་རིང་།།
ཕ་ཡུལ་ཕྱོགས་ལ་ཕེབས་དང་།།
རེ་བའི་མཁའ་ལ་སྤུར་ཡོད།།
ཨ་ཇོ་དོན་གྲུབ་ཚེ་རིང་།།
ཕ་ཡུལ་ཕྱོགས་ལ་ཕེབས་དང་།།
幸福家园-南措歌曲下载
暂无资源。