雪域高原-措姆无损flac下载mp3下载
雪域高原-措姆 在线试听歌词免费下载
གངས་རི་ལུང་པ།
གཞས་ཚིག།། འཇིགས་བྱེད་ཚེ་རིང་། གཞས་དབྱངས། ཡོད་ཏན་མགོ་པོ། གཞས་མ། གཡུ་ཁོག་མཚོ་མོ།
བཀྲ་ཤིས་ལུང་བའི་རི་ལ།།
རླུང་རྟ་སྡེ་བཞི་བཙུགས་ཡོད།།
སྟག་སེང་ཁྱུང་འབྲུག་བཀྲ་ཤིས།།
བུ་དང་ཚ་བོའི་དོན་འགྲུབ།།
རླུང་རྟ་སྟག་སེང་ཁྱུང་འབྲུག།།
ཕ་ཡུལ་གངས་རི་ལུང་བ།།
བཀྲ་ཤིས་ལུང་བའི་ཐང་ལ།།
འབྲུ་རིགས་སྣ་ལྔ་བཏབ་ཡོད།།
སྦྲང་དཀར་རྩམ་པའི་བྲོ་བ།།
རིན་ཆེན་ལུས་ལ་འཐིམ་ཡོད།།
ཟས་མཆོག་འབྲུ་རིགས་སྣ་ལྔ།།
ཕ་ཡུལ་གངས་རི་ལུང་བ།།
འབྲོག་ཐང་ཕྱུག་མོའི་ཕང་བར།།
རྫ་ཆུ་རིང་མོ་འཁྱིལ་ཡོད།།
བརྩེ་བ་ཡུལ་ལ་ཆེ་བས།།
གླུ་ཆུང་ངག་ནས་ལེན་ཡོད།།
གངས་ཆུ་བཀྲ་ཤིས་ཆུ་ཕྲན།།
ཕ་ཡུལ་གངས་རི་ལུང་བ།།
雪域高原-措姆歌曲下载
| 歌曲 | 歌手 | 专辑 | 时长 | 歌曲下载 |
|---|---|---|---|---|
| 雪域高原 | 措姆 | 玉笛II | 02:58 |
|
| 雪域高原 | 玉科措姆 | 玉笛 | 02:58 |
|