扎西哈达-葛拉般巴无损flac下载mp3下载
扎西哈达-葛拉般巴 在线试听歌词免费下载
扎西哈达-葛拉般巴
བཀྲ་ཤིས་ཁ་བཏགས-མགུར་ལྷ་དཔལ་འབར།
ཚིག། ལྟག་བཀྲ་ཤིས།
དབྱངས། ལྟ་བཀྲ་ཤིས།
ནམ་མཁའི་སྤྲིན་དཀར་བླངས་ནས།།
བཀྲ་ཤིས་ཁ་བཏགས་བཀལ་ཡོད།།
དྲིན་ཆེན་བླ་མའི་དྲུང་དུ།།
དཀར་མཛེས་དང་དཀར་ཕུལ་ཡོང་།།
ཉི་མའི་འོད་ཟེར་བླངས་ནས།།
བཀྲ་ཤིས་ཁ་བཏགས་བཀལ་ཡོད།།
དྲིན་ཆེན་ཕ་མའི་དྲུང་དུ།།
དར་སེར་གཡང་དར་ཕུལ་ཡོང་།།
རྒྱ་མཚོའི་ཁུ་བ་བླངས་ནས།།
བཀྲ་ཤིས་ཁ་བཏགས་བཀལ་ཡོད།།
དྲིན་ཆེན་སློབ་དཔོན་དྲུང་དུ།།
དར་སྔོན་གཡུ་དར་ཕུལ་ཡོང་།།
བཀྲ་ཤིས་ཁ་བཏགས་རིང་མོ།།
སྙིང་གའི་དཀྱིལ་ནས་བཀལ་ཡོད།།
ཡིད་འོང་ཁ་བའི་ལྗོངས་ལ།།
སྐྱིད་པའི་ལྷ་དར་ཕུལ་ཡོང་།།